ཀའོ་སི་ཡིས1+2+3+ +100=?མགྱོགས་མྱུར་ངང་བརྩིས་ཚུལ།
ཡིག་སྒྱུར།: 
ཞུ་དག: 
སྤེལ་དུས།: 
2014-06-07 21

ལྟ་གྲངས།

116

      ཀའུ་སི(Karl Friedrich Gauss)ནི་འཇར་མན་གྱི་རྩིས་རིག་མཁས་པ་གྲགས་ཅན་ཞིག་ཡིན།    ཁོང་དགུང་ལོ10ལ་སོན་པའི་ལོ་དེར།  རྒན་ལགས་ཀྱིས་རྩིས་རིག་གི་སློབ་ཁྲིད་སྟེང་།  དྲི་གཞི་ཞིག་བཏོན་པ་སྟེ།  དེ་ནི1+2+3+     +100=?རེད།    སྐབས་དེར་ཀའུ་སིཡིས་མགྱོགས་མྱུར་ངང་ལག་པ་བཀྱགས་ཏེ།  གྲངས་ཀ100དེའི་བསྡོམས་འབོར་ནི5050རེད་ཞེས་བརྗོད་པས་རྒན་ལགས་ཡ་མཚར་ཆེན་པོ་སྐྱེས་ཏེ།    ཀའུ་སིལ་དུས་ཚོད་ཐུང་ཐུང་དེ་འདྲ་ཞིག་གི་ནང་དུ་ཡང་དག་པའི་ཐོབ་གྲངས་རྩི་ཐུབ་པའི་རྒྱུ་མཚན་ཅི་ཡིན་དྲིས།  ད་བྱེད་དུས།   ཀའུ་སིཡིས་ཨང་ཀི1ནས100ཡི་བར་གྲངས་100དེ་དག་གི་ནང་ནས་ཆོས་ཉིད་ཞིག་ཡོད་པ་རྟོགས་པ་རེད།   དེ་ནི་གོ་རིམ་བཞིན་ཨང་ཀི་མགོ་དང་མཇུག་གཉིས་རེ་རེ་བཞིན་བསྣན་ན་ཚང་མའི་བསྡོམས་འབོར་ནི101ཡིན་འདུག  དཔེར་ན་1+100=101དང2+99=101རེད།  གྲངས100དེ་དག་མཉམ་དུ་བསྒྲིགས་ན101བྱས་པ་ཆ50ཡོད།    དེར་བརྟེན་མགྱོགས་མྱུར་ངང5050དེ་རྩིས་རྒྱག་ཐུབ་པར་གྱུར་རོ༎