ཨ་རིའི་བྷོའུ་རྡེར་དུ་ཡོད་པའི་ཁཱ་ལོ་ར་ཏོ་སློབ་གྲྭ་ཆེན་མོ(University of Colorado at Boulder)ཡི་དཔྱད་འབྲས་གསར་བ་ཞིག་ལ་གཞིགས་ཚེ། འབྲེལ་མེད་ཀྱི་མི་སྒེར་བ་དག་ལ་ལྟོས་ན་བཟའ་ཟླ་དག་རྒྱུད་རྒྱུའི་སྟེང་ནས་ཕན་ཚུན་ལ་འདྲའོ་ཟེར།
ཚན་རིག་པས་མི་རྣམས་ཕན་ཚུན་བར་ཆོས་ལུགས་དང་ལོ་ཚོད། རིགས་རྒྱུད། ཡོང་སྒོ། སྐྱེ་འབྲས། དེ་བཞིན་སློབ་གསོ་དང་གཞན་དག་གི་ཆ་ནས་ཤིན་ཏུ་འདྲ་བ་དག་གཉེན་སྒྲིག་ངེས་པ་སྔ་མོ་ནས་ཤེས་ཡོད། 《རྒྱལ་ཡོངས་ཀྱི་ཚན་རིག་རིག་པའི་ལས་རིམ》ཏུ་འབོད་པའི་དུས་དེབ་ཞིག་ཏུ་སྤེལ་བ་ལྟར་ན། གོང་གསལ་ཕྱིའི་རྒྱུ་རྐྱེན་དེ་དག་ཕུད། མི་རྣམས་ད་དུང་རང་གིDNAདང་མཚུངས་པའི་ཟླ་བོ་དང་མཐུན་པོ་ཡོང་ཟེར། རིགས་རྒྱུད་དང་སྐྱེ་འབྲས། ཐ་ན་སློབ་གསོའི་མྱངས་ཚུལ་ལ་རྒྱུད་རྒྱུ(gene)ཡིས་བྱ་བ་བྱས་ཡོད་དེ། ཞིབ་འཇུག་འདི་ནི་ཐོག་དང་པོར་རྒྱུད་རྒྱུ་དང་འབྲེལ་ཡོད་ཆ་ཚང་ལ་དཔྱད་པ་ཞིག་ཡིན།
ཞིབ་འཇུག་པ་དག་གིས་ཨ་རིའི་མི་རྒྱུད་དཀར་པོའི་བཟའ་ཟླ825ལ་བརྟགས་པ་སྟེ། དེ་ལས་མིའི་རིགས་ཀྱིDNAནང་སྤྱིར་བཏང་དུ་ཕན་ཚུན་ཐ་དད་པའི་ཉིང་ཀཱན་སྐྱུར་རྐྱང་བ་གཅིག་གི་རྣམ་མང་རང་བཞིན་ལ་ཆེད་དུ་ཉམས་ཞིབ་བྱས་ཤིང་བཟའ་ཟླ་མ་ཡིན་པའི་མི་གཉིས་དང་བསྡུར་ཚེ་བཟའ་ཟླ་ཡིན་པའི་མིའིDNAཕན་ཚུན་ཤིན་ཏུ་མཚུངས་པ་རྟོགས།
ཞིབ་འཇུག་འདིས་མ་འོངས་པར་རིགས་རྒྱུད་གཞན་གྱི་བཟའ་ཟླའི་ནང་དེ་དང་མཚུངས་པའི་འབྲས་བུ་ཞིག་ཐོན་མིན་དང་། མི་རྣམས་ཀྱིས་སྔར་བཞིན་རྒྱུད་རྒྱུ་ཕན་ཚུན་འདྲ་བའི་ཟླ་བོ་འཚོལ་མིན། དེ་བཞིན་ལན་རེར་མི་དག་གིསDNAཡོངས་སུ་ཐ་དད་པའི་ཟླ་བོ་འཚོལ་བའི་སྐབས་ཡོད་མེད་སོགས་ལ་ཞིབ་འཇུག་བྱ་བར་རྨང་གཞི་ལེགས་པོ་ཞིག་བཏིང་ངོ་༎
རྒྱུ་ཆ་འདིའི་ཐོན་ཁུངས་བྷོའུ་རྡེར་དུ་ཡོད་པའི་ཁཱ་ལོ་ར་ཏོ་སློབ་གྲྭ་ཆེན་མོ་ཡིན།
དྲ་བའི་དགོས་མཁོ་ལྟར་གསར་འགྱུར་འདིའི་ནང་དོན་ལ་བླང་དོར་ཅུང་ཟད་བྱས་ཡོད།
དཔྱད་གཏམ་འཇོག་པ།