ཁྱོད་ཀྱིས་ལག་འཕྲིན་བེད་སྤྱད་ནས་ནད་དུག་ལ་བལྟ་འདོད་ཡོད་དམ།
ཡིག་སྒྱུར།: 
སྤེལ་དུས།: 
2014-04-25 16

ལྟ་གྲངས།

32

རིག་ནུས་ལག་འཕྲིན་མཐུན་གཉེར་ཁང་གིས་རྒྱུན་དུ་རང་གི་ཐོན་རྫས་བརྙན་མིག་དེ་ཁ་གཏད་ཐོན་གཉེར་ཁང་གི་ཐོན་རྫས་ལས་སྤུས་ཚད་ལྡབ་ཀྱི་ལེགས་པ་ཡོད་ཅེས་རང་གིས་རང་ལ་བསྟོད་ར་བྱེད་ཀྱི་ཡོད། འོན་ཀྱང་ཚན་རིག་མཁས་ཅན་གྱི་མདུན་དུ་ཁོ་ཚོ་ཚང་མའི་ནུས་པ་ཕྲན་བུ་ཞིག་ལས་མངོན་མེད། ཁོ་ཚོས་རིག་ནུས་ལག་འཕྲིན་ཐོག་ནང་འཇུག་བྱས་པའི་ཧ་ཅང་ཡང་བའི་བཟོ་ལྟ་དཔེ་གསར་ཅན་དང་ཁྱེར་བདེ་བའི་མ་ལག་ཞིག་སྒྲིག་སྦྱོར་བྱས་ཡོད་པས་ནད་དུག་རྐྱང་པོ་ཡང་དབྱེ་བ་འབྱེད་ཐུབ།  ད་དུང་ཆེད་ལས་མཁས་པ་ཚོས་མ་ལག་འདིས་འདུས་རྡུལ་རྐྱང་པོ་འཕྲལ་མར་མཐོང་ཐུབ་ཀྱི་ཡོད་ཅེས་གསུང་།   མ་ལག་ཆ་ཚང་3-Dཡིག་དཔར་གྱི་ཕྱི་ཤུན་ནང་སྒྲིག་སྦྱོར་བྱེད་དགོས་པ་དང་དེའི་ལྗིད་ཚད་ནི་འབྲས་ལྗན་པ་ཕོར་པ་གང་དང་ཧ་ལམ་ཁྱད་པར་མེད།    ཚོད་ལྟའི་རྒྱུད་རིམ་ཁྲོད་མ་ལག་འདིས་ཆུང་ཤོས་ནྰ་སྨིད་༡༠༠ལྷག་གི་དངོས་གཟུགས་ཆུང་ཆུང་ཡང་དབྱེ་བ་འབྱེད་ཐུབ་ཀྱི་ཡོད།༼ནྰ་སྨི་གཅིག་ནི་སྨིད་གཅིག་གི་དུང་ཕྱུར་བཅུའི་ཆ་གཅིག་ཡིན་༽ཞིབ་འཇུག་མི་སྣས་ཤེས་རྟོགས་བྱུང་གསལ་མ་ལག་འདིས་ནད་དུག་རྐྱང་པོ་ལྟ་ཞིབ་བྱེད་ཐུབ་ཀྱི་ཡོད།   དཔེར་ན་མིའི་རིགས་ཀྱི་ཕྲ་ཕུང་མང་པོའི་ནད་དུག་ལྟ་བུ།  འདིས་ནད་པའི་རིམས་འགོག་ནུས་ཤུགས་དམའ་རུ་བཏང་ནས།ཚེ་སྲོག་ལ་ཉེན་ཁ་ཆེན་པོ་བཟོ་བའི་ནད་དུག་ཅིག་ཡིན།ཁོའི་ཕྱི་དངོས་ལ་ཕལ་ཆེར་ནྰ་སྨི་༡༥༠ནས་༣༠༠ལྷག་གི་ཆེ་ཆུང་ལྡན་ཡོདཔས།ཨེ་ཙི་ནད་དུག་དང་ཁྱི་སྨྱོན་ནད་དུག  ཆམ་རིགས་ནད་དུག་སོགས་དང་ཆེ་ཆུང་འདྲ་པོ་ཡིནཔ་རེད།  གྷ་གླིང་(加州)སློབ་གྲྭ་ཆེན་མོའི་ཡན་ལག་ལོ་ཧྲན་ཅི་洛杉矶  ཡི་གློག་ཤུགས་བཟོ་བཀོད་ཆེན་མོའམ་སྐྱེ་དངོས་བཟོ་བཀོད་ཆེན་མོ་བ་ ཨ་ཏོའོ་ཀན་ཨོའོ་ཟི་ཁན་艾多甘·奥兹坎(Aydogan Ozcan)   ཡི ས་དེ་ནི་ལོ་རྒྱུས་ཐོག་མིའི་རིགས་ཀྱིས་ཐེངས་དང་པོར་འཁྱེར་བདེ་བའི་ཚོད་འཛིན་མ་ལག་ཡོད་པའི་ལག་འཕྲིན་བེད་སྤྱད་ནས་ནྰ་སྨིད་དང་དངོས་གཟུགས་རྐྱང་པོ།ད་དུང་ནད་དུག་ལྟ་ཞིབ་ཚད་འཇལ་བྱེད་པ་དེ་ཡིན་ཞེས་གསུངས། ཨོའོ་ཟི་ཁན་དང་ཁོང་གིས་ལས་རོགས་ཚོས་ཟླ་བ་༡༠པའི་ཚེས་༢༢ཉིན་༼ཨ་རིའི་རྫས་འགྱུར་རིག་གཞུང་ལྷན་ཚོགས་ནྰ་སྨིད་དུས་དེབ་༽(ACS Nano)སྟེང་ཁོ་ཚོའི་སྒྲིག་ཆས་གསལ་བསྒྲགས་བྱས་ཡོད།  

ཡིད་ཀོང་འོད་ཟེར་ཆུན་པོ་ཞེས་པའི་དུལ་རྡུལ་ཞིག་ལ་བརྟེན་ནས་ལྟ་ཞིབ་མཁན་ཚོས་ཧ་ཅང་ཆུང་བའི་དངོས་པོ་དག་འཚོལ་ཞིབ་བྱེད་པར་རོགས་རམ་བྱེད་ཐུབ་ཀྱི་ཡོད།འདི་དམིགས་བསལ་ཡུལ་དུ་འབྱར་ནས་སྡོད་ཀྱི་ཡོད་པ་    (དཔེར་ན་དམིགས་བསལ་གྱི་ནད་དུག་ཞིག་གི་ཐོག་འབྱར་ནས་སྡོད། ) མ་ཟད་དམིགས་བསལ་རླབས་ཐག་འོད་ཀྱི་འོག་ཡིད་ཀོང་འོད་འཕྲོ་བཞིན་ཡོད།དེས་ཁོ་ཚོའི་དམིགས་ཡུལ་སྟོན་པར་བྱས་ཡོད།   གཙོ་གྲུབ་མ་ལག་འདིས་ཡིད་ཀོང་འོད་ཟེར་ཆུན་པོའི་ཐོག་སྐུལ་འོད་སྔོན་པོ་ཞིག་འཕྲོས་ནས་ད་དུང་རྗེས་སུ་ཡོད་པའི་ཡིད་ཀོང་འོད་ཟེར་ལ་ནུས་སློང་བྱེད་ཐུབ་ཅིང་རྙེད་པའི་འོད་ཟེར་རྣམས་ཤེལ་སྒོའི་ནང་བཅུག་ནས་ལག་འཕྲིན་དཔར་ལེན་ནང་དུ་འདྲེན་གྱི་ཡོད།    འབྲས་བུ་འདི་དག་ལས་གསལ་འབྲེལ་བྱུང་བ་ནི་ ཁྱོད་ཀྱིས་ད་ནས་ཞིབ་ཚགས་ལ་རིན་གོང་མཐོ་བའི་ཕྲ་མཐོང་ཆེ་ཤེལ་ཞིག་སྤྱད་སྟེ་ཚངས་ཐིག་ནྰ་སྨིད་བརྒྱ་གྲངས་མང་པོ་བྱས་པའི་དངོས་གཟུགས་ཆུང་ཆུང་དག་ལ་ལྟ་ཞིབ་བྱེད་མི་དགོས་ཞེས་ཧོ་ལེན་ཚད་ཏུན荷兰莱顿大学(Leiden University་སློབ་གྲྭ་ཆེན་མོའི་དངོས་ལུགས་རིག་པ་མཁས་ཅན་ Saumyakanti Khatua གྱིས་འདི་ལྟར་གསུངས།        ཡིན་ནའང་ཁོང་རང་ཉིད་ཞིབ་འཇུག་འདིའི་ནང་ཞུགས་མེད། གལ་འགངས་ཆེ་ཤོས་ཀྱི་ཉེར་སྤྱོད་ཀྱི་ཚོགས་རྭ་ནི་ཚོད་ལྟའི་ཆ་རྐྱེན་ཚད་འགག་ངེས་ཅན་ལྡན་པའི་ཞིང་གྲོང་ས་ཁུལ་ཞིག་ཏུ་ནད་དུག་ཞིབ་དཔྱད་བྱེད་ཐུབ་པ་དེ་ཡིན།

དུས་ད་ལྟའི་བར་དུ།  སྒྲིག་ཆས་འདིས་ཡིད་ཀོང་འོད་ཟེར་ཆུན་པོ་བརྒྱ་གྲངས་ཀྱི་རྟགས་རྒྱབ་པའི་དངོས་གཟུགས་འཚོལ་ཞིབ་ཐིག་ལེན་ཐུབ་པ་ལས་ཡིད་ཀོང་འོད་ཟེར་རྐྱང་པོ་འཚོལ་ཞིབ་བྱེད་མི་ཐུབ།  འོན་ཀྱང་ཞིབ་འཇུག་མི་སྣས་གནད་འགག་འདི་ལྟ་བུ་མགྱོགས་མྱུར་ངང་མེད་པ་བཟོ་ཐུབ་ཞེས་བརྗོད།   དེ་བཞིན་ག་ཧ་ཐུ་ཝ(khatua)   ཡིས་བརྗོད་པ་ཇི་བཞིན་ང་ཚོར་ཡིད་ཆེས་ཡོད་ད་ལྟའི་སྒྲིག་ཆས་ལ་བཟོ་བཅོས་ཅུང་ཟད་བྱས་ན་འདུལ་རྡུལ་རྐྱང་པོ་འཚོལ་ཞིབ་ཐིག་ལེན་བྱེད་ཐུབ་པའི་ཚད་གཞིར་སླེབས་ཐུབ།  ག་ཧ་ཐུ་ཝ(khatua)  དང་ཁོང་གིས་ལས་རོགས་མི་ཆེ་ཨ་ཨོའོ་ལི་ཐ་ 米歇尔·奥利特(Michel Orrit)ཡིས་ཨ་རིའི་རྫས་འགྱུར་རིག་གཞུང་ལྷན་ཚོགས་ནྰ་སྨིད་དུས་དེབ་ཐོག་དཔྱད་གཏམ་སྤེལ་ཡོད།དཔེར་ན་མ་ལག་འདིས་འོད་ཟེར་དེ་ལས་མང་བ་ཞིག་འཚོལ་འདུས་བྱེད་ཐུབ་པའི་ལེན་ཤེལ་སྒྲིག་སྦྱོར་བྱེད་པར་དཀའ་ངལ་ཅི་ཡང་མེད་པ་མ་ཟད་ཡིད་ཀོང་འོད་ཟེར་གྱིས་དེ་བས་མང་བའི་གནམ་སྐུད་ཐོན་ཐུབ། གནས་ཚུལ་དེ་འདྲའི་ཡོང་ངེས་ཀྱི་འགྱུར་མདོག་ལ་ད་ཡོད་ཀྱི་སྒྲིག་གཞིར་བཟོ་བཅོས་མང་པོ་བྱེད་མི་དགོས།    དེར་བརྟེན་མགྱོགས་མྱུར་མངོན་འགྱུར་ཡོང་ཐུབ་ཞེས་ག་ཧ་ཐུ་ཝ(khatua) ཡིས་གསུངས།  ཞིབ་འཇུག་མཁན་གཞན་རྣམས་ཀྱིས་འདུས་རྡུལ་རྐྱང་པོ་ཞིབ་དཔྱད་ཚད་ལེན་ཐུབ་པའི་ཚོར་བརྡ་བརྒྱུད་གཏོང་འཕྲུལ་ཆས་གསར་སྤེལ་བྱས་ཚར་བ་རེད།  དེ་ལྟ་བུའི་འདུས་རྡུལ་རྐྱང་པོ་དབྱེ་འབྱེད་ཐུབ་པ་ནི་ཚོར་བརྡ་བརྒྱུད་གཏོང་འཕྲུལ་ཆས་ཀྱི་བཟོ་ལྟ་གསར་པའི་ཆེ་ཤེལ་མ་ལག་གི་ཁྱད་ཆོས་ཞིག་ཡིན།   འཕྲུལ་ཆས་འདིས་དམིགས་པའི་ཡུལ་གནས་མིན་ལྟ་ཞིབ་ཚད་ལེན་བྱེད་ཐུབ་པ་མ་ཟད་དེ་དང་ཆབ་ཅིག་ཏུ་དམིགས་པའི་ཡུལ་བརྟེན་འཁེལ་བྱེད་ཐུབ།དེ་ནི་དོན་དངོས་ཀྱི་སྐྱེ་དངོས་མ་ལག་དང་རྙོག་འཛིང་ཆེ་བའི་མ་ལག་གཞན་དབར་བ་དབྱེ་ཞིབ་བྱེད་པའི་གནས་འགག་ཡིན།          དེ་ཡང་རིག་ནུས་ལག་འཕྲིན་ཆེ་ཤེལ་མ་ལག་འདིས་ནད་རྟགས་མ་ཐོན་གོང་གི་ནད་དུག་ཡོད་མེད་ལྟ་ཞིབ་ཚད་ལེན་བྱེད་ཐུབ་པ་ཕུད་གཞན་ད་དུང་ཟས་རིགས་དང་བཏུང་ཆུའི་ནང་གི་དང་ལྷ་སྐྱོན་བཅས་ཡོད་མེད་ལྟ་ཞིབ་བྱེད་ཐུབ་པའི་མི་མངོན་པའི་ནུས་པ་ལྡན་ཡོད།  འོན་ཀྱང་འདུས་རྡུལ་རྐྱང་པོ་འཚོལ་ཞིབ་ཐིག་ལེན་དང་དབྱེ་འབྱེད་ཐུབ་པའི་ནུས་པ་དེས་དེ་བས་སྤྱོད་སྒོ་ཆེ་བའི་རྒྱལ་སྒོ་ཕྱེ་བ་རེད།  དཔེར་ན།  ཁྲིམས་དཔྱད་སྨན་པའི་དབྱེ་ཞིབ།  འབགས་བཙོག་ལྟ་ཞིབ་ཚད་ལེན།  ད་དུང་ཚོང་ཟོག་གསལ་འབྱེད་སོགས།   

ད་ལྟ་ང་ཚོས་ས་གཤིས་རིག་པས་བྲག་རྒྱུད་ནང་ནས་གཏེར་ཁ་དབྱེ་འབྱེད་དང་ཡང་ན་ཞིག་གསོ་ཁང་གིས་འདུས་སྦྱོར་རྫས་ག་གེ་མོའི་ལྷུ་ལག་དང་འཚམས་པའི་སྤྱིན་ཆུ་མགྱོགས་མྱུར་ངང་འཚོལ་ཐུབ་པའི་ཚོད་གམ་བྱེད།  ག་ཧ་ཐུ་ཝKhatua དང་ཨོ་རོལ་ཐ་Orrit ཡིས་དཔྱད་གཏམ་ཐོག་བྲིས་པར་རིག་ནུས་ལག་འཕྲིན་ཁྱབ་གདལ་འགྲོ་བ་དང་བསྟུན་ནས་དེང་གི་དུས་འདིར་བེད་སྤྱོད་བྱེད་མཁན་དུང་ཕྱུར་བཅུ་ལས་ཐོལ་བརྒལ་བྱུང་ཡོད། ད་དུང་བཟོ་སྣོན་དེ་བས་མགྱོགས་པའི་འདུས་སྙིང་དང་ཚོར་ཤེས་རྣོ་བའི་བརྙན་མིག་སོགས་བཟོ་བའི་ལག་རྩལ་ཕུར་མཆོངས་ལྟ་བུའི་འཕེལ་རྒྱས་སུ་འགྲོ་ཡི་ཡོད་པས་སྒྲིག་ཆས་འདི་མ་འོངས་པའི་ནང་སྟག་ལ་གཤོག་པ་ཐོགས་པ་ལྟར་ཕུན་སུམ་ཇི་ཚོགས་ཏུ་འགྲོ་སྲིད།  ཨོའོ་ཟི་ཁན奥兹坎 ལ་ཆ་མཚོན་ན་ཁོང་གི་མ་ལག་དག་ཚོད་ལྟ་ཁང་ནས་མགྱོགས་མྱུར་གོ་ལ་ཅན་དུ་ཕྱོགས་ཐུབ་ངེས་རེད།ཁོང་གིསHolomic ཞེས་པའི་མཐུན་གཉེར་ཁང་ཞིག་གསར་འཛུགས་བྱས་ཤིང་དེ་ནི་གོང་གི་སྒྲིག་ཆས་དང་དེ་དང་འདྲ་བའི་ལག་རྩལ་དག་ཚོང་ལས་ཅན་དུ་མངོན་འགྱུར་ཡོང་བ་བྱས་པ་ཞིག་ཡིན།