མིའི་ཀླད་པ་དང་རྩིས་འཕྲུལ་བར་གྱི་ཁྱད་པར་ཅི། རྩིས་འཕྲུལ་གྱིས་བསམ་བློ་གཏོང་ཤེས་སམ།
ཡིག་སྒྱུར།: 
སྤེལ་དུས།: 
2014-04-25 14

ལྟ་གྲངས།

22

    མིའི་ཀླད་པ་དང་རྩིས་འཕྲུལ་བར་གྱི་ཁྱད་པར་རྙོག་འཛིང་རང་བཞིན་ཞེས་པའི་ཚིག་འདིའི་བསྡུས་ཆོག་སྟེ། འོ་འཐུང་སྲོག་ཆགས་ཆེན་པོའི་ཀླད་པ་ནི་ང་ཚོས་རྟོགས་ཟིན་པའི་ཆེ་ཆུང་ནང་ནས་ཆེས་རྙོག་འཛིང་ཅན་ཞིག་ཡིན། མིའི་ཀླད་པའི་ལྗིད་ཚད་ལ་ཁེ་སྟོང་ཙམ་ཡོད་མོད་དེའི་ནང་དུ་དབང་རྩའི་ཕྲ་ཕུང་དུང་ཕྱུར་བརྒྱ་ཕྲག་འགའ་དང་ཕྲ་ཕུང་ཆུང་ངུ་དུང་ཕྱུར་སྟོང་ཕྲག་འགའ་མཆིས། འདི་འདྲིའི་ཕྲ་ཕུང་དུང་ཕྱུར་མང་བོ་ཞིག་ང་ཚོས་ད་རུང་རྟོགས་མི་ཐུབ་པའི་བོངས་ཆེ་བ་དང་རྙོག་འཛིང་ལྡན་པའི་དྲ་བ་ནང་དུ་ཕན་ཚུན་འབྲེལ་འདྲིས་བྱ་བཞིན་ཡོད། ཐ་ན་མིའི་རིགས་ཀྱིས་ད་ལྟའི་བར་ལ་གསར་བཟོ་བྱས་ཟིན་པའི་ཆེས་རྙོག་འཛིང་ཅན་གྱི་རྩིས་འཕྲུལ་ཡང་མིའི་ཀླད་པ་དང་བསྡུར་ཐབས་མེད། རྩིས་འཕྲུལ་གྱི་གཅུས་ཕུར་དང་ལྷུ་ལག་ཆེ་གྲས་རྣམས་གྲངས་ཀ་སྟོང་གི་རྩིས་པ་ལས་དུང་ཕྱུར་བཅུས་མི་བརྩི། གཞན་ད་དུང་།རྩིས་འཕྲུལ་གྱི་གཅུས་ཕུར་ནི་གཅུས་བུར་གྱི་སྒྲིག་ཆོས་ཞིག་ཡིན་པ་དང། ཀླད་པའི་ཕྲ་ཕུང་ནང་ཁུལ་གྱི་གྲུབ་ཚུལ་ལ་རྙོག་འཛིང་ཆེན་པོ་ལྡན། རྩིས་འཕྲུལ་གྱིས་བསམ་བློ་གཏོང་ཤེས་སམ། འདི་ནི་ཁྱོད་ཀྱིས་བཤད་པ་ནང་བཞིན་༼བསམ་བློ༽་དེའི་གོ་དོན་ལ་བལྟ་དགོས། གལ་ཏེ་བསམ་བློ་དེའི་གོ་དོན་ནི་རྩིས་རིག་གི་འདྲི་ཚིག་ཞིག་ལ་ལན་འདེབས་པ་དེ་ཡིན་ན། རྩིས་འཕྲུལ་གྱིས་བསམ་བློ་གཏོང་ཤེས་པར་མ་ཟད་མི་ལས་ལྡབ་འགྱུར་གྱིས་མགྱོགས།

  རྩིས་རིག་གི་འདྲི་ཚིག་མང་ཆེ་ཤས་ཤིག་འགྱུར་མེད་ཀྱི་ཐབས་ཤས་ཀྱིས་ཡང་ནས་ཡང་དུ་ཐག་གཅོད་བྱེད་ཐུབ་པ་མ་ཟད། ཐ་ན་ཆེས་སྤྱིར་བཏང་གི་རྩིས་འཁོར་གྱིས་ཀྱང་ཐག་གཅོད་བྱས་ཐུབ། མི་རྣམས་ཀྱིས་རྒྱུན་ཏུ་རྩིས་འཁོར་གྱིས་འདྲི་ཚིག་ལ་ལན་འདེབས་ཐུབ་པའི་རྒྱུ་མཚན་ནི་དེ་༼ གོ་རིམ་བསྒྲིགས ༽་ཡོད་པའི་རྐྱེན་གྱི་ཡིན་ཟེར།རྩིས་འཁོར་གྱི་མིས་ཁོ་ལ་བཀོད་སྒྲིལ་བྱས་པའི་བྱ་བ་མ་གཏོགས་བསྒྲུབ་མི་ཐུབ། ང་ཚོས་ངེས་པར་དུ་ཤེས་དགོས་པ་ནི།མིའི་རིགས་ཀྱིས་ཀྱང་རྩིས་འཁོར་གོ་རིམ་བསྒྲིགས་ཡོད་པའི་ཆ་མ་གཏོགས་སྒྲུབ་མི་ཐུབ།ང་ཚོས་གཞི་རྒྱུས་ཁམས་དཀར་འཐོབ་དུས་ང་ཚོ་ཡང་༼གོ་རིམ་བསྒྲིགས ༽་ཡོད་དེ།ང་ཚོས་མི་མངོན་པའི་ནུས་ཤུགས་ཀྱང་༼ གོ་རིམ ༽་དེས་ཚོད་འཛིན་བྱས་ཡོད། ཡིན་ཡང་། ང་ཚོས་༼ གོ་རིམ ༽་ནི་དེ་བས་ཀྱང་རྙོག་འཛིང་ལྡན།དེའི་རྐྱེན་གྱིས་ང་ཚོས་བསམ་བློ་ལ་འཁྲབ་གཞུང་ཞིག་རྩོམ་པ་དང་མཉམ་སྒྲོག་རོལ་དབྱངས་ཆེན་མོ་ཞིག་རྩོམ་པ། གཟི་བརྗིད་ལྡན་པའི་ཚན་རིག་གི་གཞུང་ལུགས་ཞིག་གྲ་སྒྲིག་བྱས་པ་དང་ཡང་ན་དཔོག་དཀའ་བའི་མི་ཆོས་གདར་ཤའི་གསར་གཏོར་ནུས་ཤུགས་སོགས་ཀྱི་མཚན་ཉིད་འཇོག་འདོད། གོ་དོན་འདིའི་སྟེང་ཏུ།རྩིས་འཁོར་གྱིས་བསམ་བློ་གཏོང་མི་ཐུབ་པ་ཐག་ཆོད་ཡིན་པ་མ་ཟད། མི་མང་ཆེ་ཤས་ཀྱིས་ཀྱང་འདི་ལྟར་སྒྲུབ་མི་ཐུབ། འོན་ཀྱང་གཏན་ཁེལ་བྱེད་ཐུབ་པ་ནི། གལ་ཏེ་རྩིས་འཁོར་ཞིག་གི་སྒྲིག་གཞི་ནི་ཧ་ཅང་རྙོག་འཛིང་ལྡན་ན་དེ་ཡང་ང་ཚོ་དང་འདྲ་བར་གསར་གཏོར་གྱི་ནུས་ཤུགས་ལྡན། གལ་ཏེ་མིའི་ཀླད་པ་བཞིན་རྙོག་འཛིང་ལྡན་པའི་རྩིས་འཕྲུལ་ཞིག་བཟོས་ན། དེ་མིའི་ཀླད་པ་དང་ཁྱད་མེད་ལ་དེ་མིན་ཀླད་པས་སྒྲུབ་ཐུབ་པའི་བྱ་བ་ཡོད་ཚད་བསྒྲུབ་ཐུབ། <དེ་ལས་གཞན་ད་དུང་མིའི་ཀླད་པའི་ནང་དུ་ཀླད་པ་གྲུབ་པའི་རྒྱུ་དངོས་ལས་མང་བའི་དངོས་བོ་ཡོད། མིའི་ཀླད་པ་ནི་སྟར་སྒྲིག་བྱེད་སྟངས་ངེས་ཅན་ཞིག་ཡོད་པའི་ཕྲ་ཕུང་དག་གིས་གྲུབ་པ་ཡིན་ཏེ། ཕྲ་ཕུང་ཡང་སྟར་སྒྲིག་བྱེད་སྟངས་ངེས་ཅན་ཞིག་ཡོད་པའི་མ་རྡུལ་དང་ཆ་རྡུལ་གྱིས་གྲུབ། གལ་ཏེ་མིའི་ཀླད་པའི་ནང་དུ་ད་རུང་དངོས་བོ་གཞན་ཡོད་ཟེར་ན། ད་ལྟའི་བར་དུ་དངོས་པོ་དེ་ཚོ་ཞིབ་དཔྱད་ཚད་ལེན་བྱས་ཐུབ་མེད། དེའི་རྐྱེན་གྱིས་མིའི་ཀླད་པའི་རྒྱུ་དངོས་ཀྱི་རྙོག་འཛིང་རིང་བཞིན་འདྲ་བཟོ་བྱས་པ་ནི་ཀླད་པའི་ཡོད་ཚད་འདྲ་བཟོ་བྱས་པ་ཡིན། ཡིན་ཡང་དུས་ཚོད་ག་འདྲ་ཞིག་གི་ནང་དུ་མིའི་ཀླད་པ་འདྲ་བཟོ་བྱེད་ཐུབ་པའི་རྙོག་འཛིང་གི་རྩིས་འཕྲུལ་ཞིག་གསར་བཟོ་བྱ་ཐུབ་བམ། འདིར་ཡང་མིས་ཚོད་དཔག་བྱེད་པའི་དུས་ཡུན་དེ་འདྲ་རིང་བོ་ཞིག་དགོས་པར་ངེས་པ་མེད།ང་ཚོས་མིའི་ཀླད་པ་དང་འདྲ་བའི་རྙོག་འཛིང་ལྡན་པའི་རྩིས་འཁོར་ཞིག་གསར་བཟོ་བྱེད་པའི་སྔོན་དུ། རྩིས་འཕྲུལ་རང་ལས་ཀྱང་རྙོག་འཛིང་ལྡན་པ་ཞིག་ཇུས་འགོད་བྱེད་ཐུབ་པའི་རྩིས་འཕྲུལ་ཞིག་གསར་བཟོ་བྱེད་ཐུབ་ངེས་ཆེ། འདི་འདྲའི་ཅུང་རྙོག་འཛིང་ལྡན་པའི་རྩིས་འཕྲུལ་གྱིས་དེ་ལས་ཀྱང་རྙོག་འཛིང་ལྡན་པའི་རྩིས་འཕྲུལ་ཇུས་འགོར་བྱེད་ཐུབ། འདི་ལྟར་འཕེར་རྒྱས་སོང་ན་རྙོག་འཛིང་རང་བཞིན་ཇེ་ཆེ་ནས་ཇེ་ཆེར་འགྲོ། སྐད་ཆ་གཞན་ཞིག་གིས་བཤད་ན།ནམ་ཞིག་ལ་ང་ཚོ་འགྱུར་མཚམས་ཀྱི་གནད་ཞིག་ནས་ཐར་སོང་ན།རྩིས་འཕྲུལ་གྱིས་མིའི་ཀླད་པའི་ཚབ་བྱེད་འགྲོ་བས།༼རྙོག་འཛིང་རང་བཞིན་གྱི་ཧོབ་ལངས༽་ཀྱང་བྱུང་བ་ཡིན།དེའི་རྗེས་སུ།དུས་ཐུང་ཞིག་གི་ནང་དུ་རྩིས་འཕྲུལ་གྱིས་མིའི་ཀླད་པ་འདྲ་བཟོ་བྱེད་ཐུབ་པར་མ་ཟད་ཚད་འདི་ལས་བརྒལ་ཡང་ཐུབ།   དེའི་རྗེས་ནས་ཅི་བྱ།ཨ་ཙི། མིའི་རིགས་ཀྱིས་ད་ལྟའི་བར་དུ་སའི་གོ་ལར་བདག་གཉེར་བཟང་བོ་ཅིག་བྱས་མེད་པའི་རྐྱེན་གྱིས།ཉིན་ཞིག་ལ་ང་ཚོའི་ཁེངས་སྐྱུང་གུས་ཞབས་ཀྱིས་གོ་གནས་དེ་མི་ནུས་ཅན་རྣམས་ལ་སྤྲོད་དགོས། གལ་ཏེ་ང་ཚོས་གོ་གནས་མ་སྤྲད་ན།རིམ་འདས་རྩིས་འཕྲུལ་གྱིས་འཛེམ་དོག་ཅི་ཡང་མེད་པར་ང་ཚོ་ཕྱོགས་ཅིག་ལ་དེད་དེ་སའི་གོ་ལར་དབང་སྒྱུར་བྱེད་ངེས་ཡིན།